77860
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། དབང་པོ་ཉི་ཤུ་རྩ་གཉིས་ལས་དད་སོགས་དབང་པོ་ལྔ་དང་ཡིད་དང་བཏང་སྙོམས་དང་ཀུན་ཤེས་བྱེད་པ་དང་ཀུན་ཤེས་པའི་དབང་པོ་སྟེ་དགུའོ། །དེ་དག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པར་བྱེད་པའི་ཕྱིར་རོ། །ཀུན་ཤེས་པར་བྱེད་པའི་དབང་པོ་ནི་བར་ཆད་མེད་པའི་ལམ། ཀུན་ཤེས་པའི་དབང་པོ་ནི་རྣམ་པར་གྲོལ་བའི་ལམ་ལ་སྟེ། གོ་རིམ་བཞིན་བྲལ་བའི་ཐོབ་པ་འདྲེན་པར་བྱེད་པ་དང་། རྟེན་ཡིན་ཕྱིར་རོ། ། |
| Domain | ཆོས་ལུགས། |