77864
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདི་ལ་ཁག་གཉིས་ཡོད་པ་སྟེ། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་ཁག་གཅིག་སྟེ། ༡ རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ། ༢ རིགས་ནས་རིགས་སུ་སྐྱེ་བའོ། ། ཕུང་པོ་ལྔའི་རྣམ་པར་འགྲེལ་པ་ལས་བྱུང་བ་ཁག་གཅིག་སྟེ། ༡ རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ནི། ཀུན་ཏུ་སྦྱོར་བ་བདུན་ལུས་ཏེ། ཐ་མའི་ཆ་དང་མཐུན་པ་གཉིས་དང༌། གོང་མའི་ཆ་དང་མཐུན་པ་ལྔ་ལུས་པའི་ཕྱིར་རོ། ། ༢ རིགས་ནས་རིགས་སུ་སྐྱེ་བ། རྣམ་པ་གཉིས་ཏེ། ལྷའི་ནང་དུ་རིགས་ལན་གཉིས་སམ་གསུམ་བླངས་ནས་ཡོངས་སུ་མྱ་ངན་ལས་འདས་པའོ། །མིའི་རིགས་ནས་རིགས་སུ་སྐྱེ་བ་ནི། གང་མིའི་ནང་དེར་རམ། གླིང་གཞན་དུ་ཡོངས་སུ་མྱ་ངན་ལས་འདའ་བའོ། །དེ་ཉིད་འབྲས་བུ་ལ་གནས་པ་ཞེས་བྱའོ། ། |
| Domain | ཆོས་ལུགས། |