77871
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། འབྲས་བུ་སྔ་མ་རྒྱུན་ཞུགས་ནི་དབང་པོ་དགུས་འཐོབ་སྟེ། དད་སོགས་ལྔ་དང་། ཡིད་དང་། བཏང་སྙོམས་དང་། ཀུན་ཤེས་བྱེད་པ་དང་། ཀུན་ཤེས་པའི་དབང་པོ་དང་དགུས་འཐོབ་སྟེ། སྐད་ཅིག་བཅོ་ལྔ་པ་མན་ཆད་ནི་ཀུན་ཤེས་བྱེད་པ་དང་། བཅུ་དྲུག་པ་ནི་ཀུན་ཤེས་པ་ཡིན་ཏེ། རིམ་པ་ལྟར་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ལམ་ཡིན་པས་དང་པོས་ནི་བྲལ་བའི་ཐོབ་པ་འདྲེན་པ་དང་། གཉིས་པས་ནི་བྲལ་ཐོབ་འཛིན་པའི་ཕྱིར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |