77873
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རྒྱུན་ཞུགས་འབྲས་གནས་ཙམ་པོ་པ་དང། ཁྱད་པར་ཅན་གང་རུང་ཡང་ཡིན། འབྲས་བུ་གོང་མ་ཐོབ་ཕྱིར་དུ་བརྩོན་བཞིན་པ་ཡང་ཡིན་པའི་གཞི་མཐུན་དུ་གྱུར་པའི་ཉན་ཐོས། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གྱི་མཚན་ཉིད་ཡིན། དེ་ལ་སྐྱེ་བ་འཕེན་ཚུལ་གྱི་སྒོ་ནས་དབྱེ་ན། རྒྱུན་ཞུགས་སྲིད་པ་ལན་བདུན་པ་པ་དང། རྒྱུན་ཞུགས་རིགས་ནས་རིགས་སྐྱེ་གཉིས་སུ་ཡོད་དོ། །རིགས་གནས་རིགས་སྐྱེ་ཡིན་ན། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་ཡིན་པས་ཁྱབ་པར་འདོད་དོ། ། |
| Domain | ཆོས་ལུགས། |