77880
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། རྒྱུན་ཞུགས་འབྲས་གནས་གཞིར་བཞག་ནས་ལས་ཉོན་གྱིས་འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་གསུམ་ཙམ་ལེན་པའི་འཕགས་པའི་གང་ཟག་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། འདོད་ཉོན་གསུམ་པ་སྤངས་པའི་རྒྱུན་ཞུགས་ཀྱི་འབྲས་བུ་གསར་དུ་ཐོབ་པའི་རྒྱུན་ཞུགས་གང་ཞིག འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་གཉིས་སམ་གསུམ་ལེན་ཅིང་བཞི་པ་མི་ལེན་པ་དེ་རྒྱུན་ཞུགས་རིགས་ནས་རིགས་སྐྱེའི་འཇོག་བྱེད། དེ་ལ་དབྱེ་ན། རྒྱུན་ཞུགས་ལྷའི་རིགས་ནས་རིགས་སྐྱེ་དང་མིའི་རིགས་ནས་རིགས་སྐྱེ་གཉིས་ཡོད་ལ། དང་པོ་ཡིན་ན་འདོད་ལྷར་སྐྱེ་བ་གཉིས་སམ་གསུམ་བླངས་ནས་དེའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་དང། ཕྱི་མ་ཡིན་ན་མིར་སྐྱེ་བ་གཉིས་སམ་གསུམ་བླངས་ནས་རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་པས་ཁྱབ་པ་སོགས་ཡིན་ཏེ། མཛོད་ལས། རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །ཅེས་དང། འགྲེལ་པར། ཅིའི་ཕྱིར་རྣམ་པ་ལྔ་སྤངས་པའི་ཕྱིར་མིན་ཞེ་ན། དེ་སྤངས་ན་དྲུག་པའང་གདོན་མི་ཟ་བར་སྤོང་བའི་ཕྱིར། ཞེས་དང། ལྷའི་རིགས་ནས་རིགས་སུ་སྐྱེ་བ་ནི། གང་ཞིག་ལྷ་དག་གི་ནང་དུ་རིགས་གཉིས་སམ་གསུམ་འཁོར་ནས་ལྷའི་རིགས་དེའམ་གཞན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པའོ། །མིའི་རིགས་ནས་རིགས་སུ་སྐྱེ་བ་ནི། མི་དག་གི་ནང་དུ་རིགས་གཉིས་སམ་གསུམ་འཁོར་ནས་གླིང་དེ་འམ་གཞན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པའོ། །ཞེས་དང། དེའི་འགྲེལ་བཤད་རྒྱལ་པོ་སྲས་ལས། ལྷའི་རིགས་དེའམ་གཞན་དུ་ཞེས་གསུངས་པ་ནི་འདི་ལྟ་སྟེ། སུམ་ཅུ་རྩ་གསུམ་དག་གི་ནང་དུ་བདེན་པ་རྣམས་མཐོང་ནས་རིགས་གཉིས་སམ་གསུམ་དུ་འཁོར་ཏེ་སུམ་ཅུ་རྩ་གསུམ་པ་དེ་ཉིད་ཀྱི་ནང་དུ་ཡོངས་སུ་མྱ་ངན་ལས་འདའ་བའམ། གཞན་རྒྱལ་ཆེན་རིགས་བཞིའམ་འཐབ་བྲལ་བ་རྣམས་ཀྱི་ནང་དུ་ཡོངས་སུ་མྱ་ངན་ལས་འདའ་བ་རུང་སྟེ། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |