77884

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུན་ཞུགས་སྲིད་པ་ལན་བདུན་པ་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། འདོད་པ་ལ་འདུན་པའི་ཉོན་མོངས་ཅུང་ཟད་ཀྱང་མ་སྤངས་ཤིང། ཚེ་དེ་ལ་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་བྱས་པའི་རྒྱུན་རྒྱུགས་ཀྱང་ཡིན། རྒྱུན་ཞུགས་ཀྱི་རྟེན་ལ་འདོད་པར་ལས་ཉོན་གྱི་དབང་གིས་རིགས་མཐུན་གྱི་སྐྱེ་སྲིད་བདུན་ལེན་པར་ངེས་པའི་རིགས་སུ་གནས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཉན་ཐོས། རྒྱུན་ཞུགས་སྲིད་པ་ལན་བདུན་པ་པའི་མཚན་ཉིད། དེ་ལ་དབྱེ་ན། ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་པ་དང། མ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་པ་གཉིས་ཡོད། རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་ཡིན་ན། རྒྱུན་ཞུགས་འབྲས་གནས་ཙམ་པོ་བ་ཡིན་པས་ཁྱབ་བོ། །
Domain ཆོས་ལུགས།
རྒྱུན་ཞུགས་སྲིད་པ་ལན་བདུན་པ་པ་ (2)
Part of speech མིང་ཚིག
Definition འདོད་པ་ལ་འདུན་པའི་ཉོན་མོངས་ཅུང་ཟད་ཀྱང་མ་སྤངས་ཤིང་ཚེ་དེ་ལ་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་བྱས་པའི་རྒྱུན་ཞུགས་ཀྱང་ཡིན། རྒྱུན་ཞུགས་ཀྱི་རྟེན་ལ་འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་བདུན་ལེན་པར་ངེས་པའི་རིགས་སུ་གནས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཉན་ཐོས་སུ་དམིགས་པ། རྒྱུན་ཞུགས་སྲིད་པ་ལན་བདུན་པ་པའི་མཚན་ཉིད། དེ་ལ་དབྱེ་ན། ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་པ་དང་། མ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་པ་གཉིས།
རྒྱུན་ཞུགས་སྲིད་པ་ལན་བདུན་པ་པ་ (3)
Part of speech མིང་ཚིག
Definition སྤང་བྱ་རིམ་གྱིས་བའི་རྒྱུན་ཞུགས་དབང་རྟུལ་གང་ཞིག། རྒྱུན་ཞུགས་ཀྱི་རྟེན་ལ་རིགས་མཐུན་གྱི་སྐྱེ་སྲིད་བདུན་ལེན་པའི་རིགས་ཅན། དེ་ལ་དབྱེ་ན་མ་ངེས་པའི་སྲིད་པ་ལན་བདུན་པ་དང༌། ངེས་པའི་སྲིད་པ་ལན་བདུན་པ་གཉིས།