7791

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནྡྷ་བྷ་དྲ་ (1)
Part of speech མིང་ཚིག
Definition ལོ་རེར་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དགོས་ཤིག་སྟེ། རྩ་བ་ཕྲ་ལ་རྩ་ཕྲན་ཐར་ཐོར་ཡོད་པ་དང༌། སྡོང་པོ་ཕྲ་ལ་ཐུང་ཞིང་འདྲོང་བ་གསུམ་ཙམ་གཞི་རྩ་ནས་སོ་སོར་སྐྱེས་ཤིང༌། ལོ་མ་སྔོ་སྐྱ་ཆུང་བའི་མཐའ་མཉམ་ལ་སྙུང་ལེབ་དབྱིབས་ཀྱི་ངར་པ་ཐུང་བ་ཕན་ཚུན་རེ་མོས་སུ་སྐྱེ་བ། ལོ་སྡོང་གཉིས་ཀར་སྤུ་དཀར་འཇམ་པོས་ཁྱབ་པ་སྟེ་སྤྲ་བ་དང་ཕྱོགས་མཚུངས་པ། མེ་ཏོག་སེར་པོའམ་དཀར་པོ་སྤྲ་བའི་མེ་ཏོག་འདྲ་བ་མགོ་སྦྲེལ་ནས་སྡོང་པོའི་རྩེར་བཟི་ལྔ་ཙམ་འཆར་ཞིང༌། འབྲས་བུ་སེར་སྨུག་ཆུང་ངུ་མང་པོ་ཡོད་པ་བཅས། ཞིང་འགྲམ་དང༌། ས་རྒོད། རིམ་ཐང་སོགས་སུ་སྐྱེ་བ་མང༌། བོད་ཟླ་བདུན་པའི་ནང་ལོ་སྡོང་མེ་འབྲས་ལྷན་ཅིག་ཏུ་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་རྩུབ་ཅིང་དྲོ་བས་སྐྲན་གྱི་ནད་རིགས་དང༌། བད་ཀན་སྐྱ་སྨུག དྲེག་ནད། མཁལ་མའི་ནད། ཆམ་པ། དུག་ནད་སོགས་ལ་ཕན་པ་ཡིན།
Foreign རྒྱ་གར།