77917

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུའི་ཡན་ལག་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་སྤྱོད་པའི་འདྲེན་སྒོ་འབྱེད་པར་བྱེད་པའི་ཡན་ལག་དྲུག་ཏུ་གསུངས་པའི་ཡ་གྱལ་ཞིག་སྟེ། བསྟན་པ་དང་འབྲས་བུའི་གཞིར་གྱུར་པའི་ཕྱིར་རྒྱུའི་ཡན་ལག་ཅེས་བྱ། དེའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་ལ་རྒྱུའི་ཡན་ལག་གང་ཞེ་ན། འདི་ལྟ་སྟེ། བསྟན་པ་འབྱུང་བའི་རྒྱུར་གྱུར་པའི་ཡན་ལག་དང༌། མཐར་ཐུག་གི་འབྲས་བུ་སྨིན་པར་བྱེད་པའི་རྒྱུའི་ཡན་ལག་གོ ། ཞེས་གསུངས། ཕྱེ་ན་འབྱུང་བའི་ཡན་ལག་དང་སྨིན་པའི་ཡན་ལག་གཉིས་སོ། །
Domain ཆོས་ལུགས།