77928
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། མཚན་ཉིད་ནི། མཉམ་གཞག་ཏུ་ཐོབ་པའི་སའི་སྐྱོན་ཟད་ཅིང་ཡོན་ཏན་སྦྱོང་བའི་ཆེད་དུ་མཉམ་གཞག་གི་རྟོགས་པ་དང་མཐུན་པའི་སྒོ་ནས་རང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་བྱང་སེམས་འཕགས་པའི་རྗེས་ཐོབ་ཀྱི་མཁྱེན་པའོ། །དབྱེ་ན། ས་དང་པོའི་ཡོངས་སྦྱོང་ནས་ས་དགུ་པའི་ཡོངས་སྦྱོང་གི་བར་དགུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། |
| Domain | ཆོས་ལུགས། |