77952

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱོགས་ (1)
Part of speech བྱ་ཚིག
Definition ལྐོག་རྫོང་སྦྱིན་པའི་དོན་གྱི་རྒྱག་གི་སྐུལ་ཚིག
Transitive བྱ་བྱེད་ཐ་དད་པ།
Future [བརྒྱག]
Present [རྒྱག]
Past [བརྒྱགས།]
Imperative [རྒྱོགས།]
རྒྱོགས་ (1)
Part of speech མིང་ཚིག
Definition རྐང་ལག་གི་རུས་པ་ཆག་པ་དང། ཚིགས་འགྱུར་བ། ཆུ་བ་གཤགས་པ་རྣམས་རང་མལ་དུ་གཞུག་པར་བྱེད་པའི་ཐབས། ཤིང་ལས་བཟོས་པའི་རྨ་ཆས་འབྱོར་དཀྲིས་ཀྱི་མིང་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། རྒྱོགས་ནི། ཤིང་ལས་བཟོས་པའི་རྨ་ཆས་འབྱོར་དཀྲིས་ཀྱི་མིང་སྟེ། ནང་གསེས་སུ་དབྱེ་ན་སྦ་རྒྱོགས་དྲ་བ་ཅན་དང། སྒྲོམ་རྒྱོགས། འཕྲུལ་རྒྱོགས་སིལ་མ་བཅས་གསུམ་མཆིས་སོ། །ཞེས་གསུངས།
Domain གསོ་རིག
རྒྱོགས་ (2)
Part of speech མིང་ཚིག
Definition སྒྱོགས་ཀྱི་འབྲི་ཚུལ་ཞིག་ཡིན།