77981
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྔ་བ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང༌། མདོ་སྨད་རྔ་བའི་ཁོངས་སུ་ཡོད། ཆོས་བརྒྱུད་དགེ་ལུགས། ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞིའི་ཡ་གྱལ་ཡིན། རབ་བྱུང་བཅོ་ལྔ་པའི་ལྕགས་རྟ་ཕྱི་ལོ་ ༡༨༧༠ ལོར་སྐྱབས་མགོན་ཀིརྟི་སྐུ་ཕྲེང་བརྒྱད་པ་རྗེ་བློ་བཟང་འཕྲིན་ལས་ཚང་གིས་ཕྱག་བཏབ། མཚན་ཉིད་གྲྭ་ཚང་དང༌། རྒྱུད་སྟོད་གྲྭ་ཚང༌། དུས་འཁོར་གྲྭ་ཚང༌། སྨན་པ་གྲྭ་ཚང་བཅས་སུ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་བྱེད། ཕྱི་ལོ་ ༡༩༥༠ གོང་དགེ་འདུན་ཞལ་གྲངས་ ༡༥༩༠ ཙམ་བཞུགས། |