77986
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདི་ནི་བསམ་ཡས་མཆིམས་ཕུའི་གནས་ཀྱི་ལྷ་ཁང་ཞིག་ཡིན། སྔོན་ཆད་བོད་ཟླ་༦ ཚེས༡༠ ཉིན་ཚུགས་པའི་མཆིམས་ཕུ་མེ་ཏོག་མཆོད་པའི་འཆམས་རྭ་དང་རྔ་བརྡུང་ཁང་སོགས་ཡོད་ཅིང་། དེང་སང་རྔ་བརྡུང་ཁང་ནང་དུ་མ་ཎི་ཆོས་འཁོར་ཞིག་བཙུགས་ཡོད། གཞན་ཡང་དེའི་མདུན་གྱི་གཡས་ངོས་སུ་རྨ་ཐོག་རིན་ཆེན་གྱིས་ཕ་བོང་ཟན་ལྟར་བཅད་པའི་ཕྱག་སེན་དང་ཚེམས་ཀྱི་རྗེས་ཤུལ་གསལ་བར་མཇལ་བ་མ་ཟད། ཕ་བོང་དེའི་ངོས་ལ་མཆོད་རྟེན་རང་བྱོན་ཞིག་ཀྱང་མཇལ་རྒྱུ་ཡོད་འདུག |