From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྔ་མོང་ (1)
| Part of speech
|
མིང་ཚིག
|
| Definition
|
རྩྭ་གཟན་སྲོག་ཆགས་ཀྱི་རིགས་ཤིག་སྟེ། གཟུགས་ཆེ་ལ་སུག་བཞི་ལྷག་པར་རིང་ཞིང༌། མགོ་བོ་རྟ་མགོའི་དབྱིབས་ཅན་གྱི་མཆུ་ཅུང་ཟད་རིང་བ་དང༌། སྐེ་རིང་ལ་སྒལ་རྒྱབ་ཀྱི་ཕྲག་པ་དང་དཔྱི་སྟེང་དུ་ཤ་རྡོག་རེ་ཡོད་པ་སྒའི་དབྱིབས་ལྟར་མངོན་ཞིང་རྔ་མ་ཐུང་བ། སྤུ་མདོག་སེར་སྨུག་གམ་རྫ་མདོག་ཁུ་ལུ་ལྟར་འཇམ་པ་དང༌། ཨོལ་མའི་འོག་ནས་བྲང་བར་དང༌། མགོ། མཇིང་པ། ཤ་རྡོག་གཉིས་བཅས་ཀྱི་སྒང་དུ་སྤུ་གྲ་སེར་ནག་རྩུབ་ཅིང་རིང་བ་ཡོད། རྒྱུན་དུ་འཚོ་གནས་བྱེད་ཡུལ་ནི་བྱེ་ཐང་དང༌། ས་རྒོད། ཞིང་འགྲམ་གྱི་རྩྭ་ཐང་སོགས་སུ་ཡིན། དེ་ཡང་ཕྱུགས་རིགས་གཞན་ལྟར་རྩྭ་རིགས་སོགས་ཟ་ལ། བྱེ་རླུང་དང་བཀྲེས་སྐོམ་གྱི་བཟོད་བསྲན་ཤིན་ཏུ་ཆེ་བ་ཞིག མིང་གི་རྣམ་གྲངས་ལ་འཁོར་ལོའི་མགྲིན་པ་དང༌། དགའ་བྱེད། མཆུ་འཕྱང༌། མང་པོ་སྦྲེལ། རླུང་གཉིས་འཐུང༌། རླུང་ལ་དགའ་བ། ལུས་ཅན་བཅས་སོ། །
|
| Keyword
|
True
|
རྔ་མོང་ (2)
| Part of speech
|
མིང་ཚིག
|
| Definition
|
རི་བོ་ཞིག་སྟེ། མདོ་ཁམས་དཔལ་མགོན་གྱི་རྩ་སྐྱ་གཙང་པོའི་བྱང་ངོས་སུ་ཡོད། འདིའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་༥༡༩༤ཡོད།
|