78001
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྔ་ཟོར་ཙམ་དང་གྲངས་ཀྱི་དགུ་མིག་གཉིས་འདོམ་པ་སྟེ། བརྩི་བྱ་སུ་ཞིག་གནམ་ལོའི་ཆ་ནས་རང་ལོའི་ཡར་གྱི་རྔ་ཟོར་ཙམ་དུ་ཚུད་པའི་དུས་དེར། ལོ་གྲངས་ཀྱི་ཆ་ནས་གྲངས་སམ་རྐྱང་བའི་དགུ་མིག་ཏུ་ཡང་ཚུད་ཡོད་པའི་དགུ་མིག་ལ་ཟེར་བ་ཡིན། དེ་ལྟ་བུའི་རྔ་ཟོར་དགུ་མིག་ཏུ་ཚུད་པ་དེ་གཙོ་བོ་ཡིན་ན་ཡུལ་འཁོར་དང་། སྐྱེས་པ་ཡིན་ན་བུད་མེད། བུད་མེད་ཡིན་ན་སྐྱེས་པ། མི་རྒན་ཡིན་ན་བྱིས་པ། བྱིས་པ་ཡིན་ན་མི་རྒན་བཅས་ལ་རྩུབ་པར་བཤད། གལ་སྲིད་རང་ལོ་ཕག་ཡིན་པའི་བརྩི་བྱ་སུ་ཞིག་ལོ་དགུར་སོན་དུས་ལ་ཆ་བཞག་ན། ལོ་དེར་ཤར་བའི་གནམ་ལོ་ནི་ཕག་གི་ཡར་གྱི་ལྔ་མཐུན་ལུག་ཡིན་པས་རྔ་ཟོར་ཙམ་ཡིན་པ་མ་ཟད། ལོ་གྲངས་ཀྱི་ཆ་ནས་ཀྱང་རྐྱང་པའི་དགུ་མིག་གི་དགུ་ཚད་དང་པོར་ཚུད་ཡོད་པས་རྔ་ཟོར་དགུ་མིག་ཡིན་པ་ལྟ་བུ་ཡིན། |
| Domain | རྩིས་རིག |