78003
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བརྩི་བྱར་རུང་བ་དག་གི་རང་ལོ་དང་ཀླུང་ཁམས་གཅིག་པ་ཡར་མར་གྱི་མཐུན་གསུམ་གནམ་ལོར་ཤར་དུས་ལ་ཟེར་ཞིང་། དེ་ལས་བརྩི་བྱའི་རང་ལོ་བྱ་ཡིན་ན་གནམ་ལོར་སྦྲུལ་ཤར་དུས་ལྟ་བུ་ཡར་གྱི་རྔ་ཟོར་ལ་བཤན་པ་དང་། གནམ་ལོར་གླང་ཤར་དུས་ལྟ་བུ་མར་གྱི་རྔ་ཟོར་ལ་བྲུབ་ཁུང་ཞེས་ཟེར་བ་ཡིན། དེ་ཡང་མཐུན་གསུམ་གནམ་ལོར་ཤར་བའི་རྔ་ཟོར་ཙམ་ཡིན་ཡང་། གནམ་ལོའི་སྲོག་ཁམས་ཀྱིས་བརྩི་བྱའི་སྲོག་ཁམས་མི་གཅོད་ན་ཉེས་པ་མེད་ཅིང་། སྲོག་གཅོད་པ་མ་ཟད་ལུས་དབང་གི་ཁམས་ཀྱིས་ཀྱང་བརྩི་བྱའི་དེ་གཉིས་ཀྱི་ཁམས་གཅོད་ན་ལྷག་ཏུ་རྩུབ་པར་བཤད། |
| Domain | རྩིས་རིག |