78016
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་ལྕགས་གླང་ཕྱི་ལོ་ ༡༧༨༡ ལོར་མདོ་སྨད་ཤིས་ཚང་དུ་ཡབ་གཟུངས་འབུམ་རྒྱལ་དང་། ཡུམ་ཀླུ་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་པར་འཇམ་བཞད་འཇིགས་མེད་དབང་པོས་རྔ་རྒོད་ནམ་མཁའ་སེང་གེའི་ཡང་སྲིད་དུ་ངོས་བཟུང་། བདུན་པར་ཁྲི་ཆེན་བློ་བཟང་ཉི་མ་ལས་རབ་ཏུ་བྱུང་། བརྒྱད་པར་མཁས་བཙུན་སེང་གེ་ལས་ཡི་གེའི་སྦྱོར་ཀློག་སྦྱངས། དགུང་ལོ་དགུ་པར་ཡེ་ཤེས་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། བཅུ་དགུ་པར་ཁྲི་ཆེན་དཀོན་མཆོག་རྒྱལ་མཚན་ལས་བསྙེན་པར་རྫོགས། ཉེར་དགུ་པར་དབུས་གཙང་དུ་གནས་སྐོར་ཕེབས། སུམ་ཅུ་པར་གདན་ས་བཀྲ་ཤིས་བཤད་སྒྲུབ་གླིང་དུ་ཕྱིར་ཕེབས། གཙུག་ལག་ཁང་དང་། རྟེན་གསུམ་བཅས་བཞེངས། ཞེ་བརྒྱད་པར་རྔ་ཁོག་ཕྱོགས་ཀྱི་དགོན་གནས་རྣམས་སུ་ཆོས་སྦྱིན་སྩལ། ཞེ་དགུ་པར་སོག་ཡུལ་གྱི་དགོན་ཁག་རྣམས་སུ་དབང་ལུང་མན་ངག་གནང་། རབ་བྱུང་བཅུ་བཞི་པའི་ས་བྱ་ཕྱི་ལོ་ ༡༨༤༩ ལོར་སྐུ་གཤེགས། གསུང་རྩོམ་ནི་ཚེ་འགུགས་དང་། སྦྱིན་སྲེག བསྙེན་ཡིག བསང་མཆོད། གཡང་འབོད། གཏོར་འབུལ་སོགས་འདོན་ཆའི་སྐོར་དང་། ཆབ་ཤོག སྙན་ངག་གི་དཔེར་བརྗོད། བསླབ་བྱ་སྐོར་བཅས་པོ་ཏི་གཉིས་བཞུགས། |