78029

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྔན་ (1)
Part of speech བྱ་ཚིག
Definition རང་གི་སེམས་ཀྱི་རེ་འདོད་འགྲུབ་པའི་ཆེད་དུ་དམིགས་པའི་ལྷ་ལ་མཆོད་པ་ཕུལ་བའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [བརྔན།, རེ་འདོད་འགྲུབ་ཆེད་ཡུལ་ལྷ་ལ་བརྔན་ན་བཟང་།]
Present [རྔན།, སྲུང་མ་ལ་རྔན་བཞིན་པའི་སྐབས།]
Past [བརྔན།, བཤོས་བུ་སྙིང་དང་གཏོར་མས་བརྔན།]
Imperative [རྔོན།, ཡུལ་ལྷ་གཞི་བདག་ལ་གཏོར་མས་རྔོན་ཅིག་ལྟ་བུ།]
རྔན་ (2)
Part of speech བྱ་ཚིག
Definition གཞན་སེམས་བསླུ་བའི་ཆེད་དུ་གང་ཞིག་གཞན་ལ་སྤྲད་པའི་དོན།
Future [བརྔན།, གསང་བ་ལོན་པའི་ཆེད་མི་ལ་གསེར་གྱིས་བརྔན་དགོས་ཀྱང་བྱ།]
Present [རྔན།, རྔན་བྱེད་རྒྱུ་ནོར་བསགས།]
Past [བརྔན།, གསེར་གྱིས་བརྔན་ནས་མགུ་བར་བྱས།]
Imperative [རྔོན།, མཛེས་མ་ནོར་གྱིས་རྔོན་ཅིག་ལྟ་བུ།]
རྔན་ (1)
Part of speech མིང་ཚིག
Definition ཉེས་པ་གསུམ་རང་རང་གི་མཚན་ཉིད་མནན་པའི་ཕྱིར་ཟས་ཀྱིས་ཁམས་སོ་སོ་གསོ་དགོས་པའི་དཔེ་དོན་སྦྱར་བ་ཡིན་ཞེས་དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས་གསུངས།
Domain གསོ་རིག