78041
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། རྔམ་པའི་གར་བྱ་བ་ནི། བསྟན་འགྲོའི་དོན་ལ་རབ་ཏུ་གནོད་པར་བྱེད་པའི་དགྲ་བགེགས་ལོག་ལྟ་ཅན་རྣམས་འཇིགས་ཤིང་སྔངས་པའི་ཐབས་སུ་དགོངས་ཏེ་བདེར་གཤེགས་ཡི་དམ་ལྷ་ཚོགས་ཀྱིས་ཐུགས་ཉིད་བྱམས་བརྩེའི་ངང་ནས་སྐུ་ཁྲོས་པའི་རྣམ་འགྱུར་འཇིགས་རུང་དུ་སྟོན་པ་ལ་བྱའོ། །དེ་ལ་གྲངས་ཀྱི་སྒོ་ནས་དབྱེ་ན། སྤྱན་བཟློག་པ། སྙན་གདོངས་པ། ཤངས་གཉེར་བ། ཞལ་གདངས་པ། ཚེམས་གཙིགས་པ། ལྗགས་འདྲིལ་བ། རྐན་བརྡེབས་པ། ཡུམ་ལ་འཁྲིལ་བ། གཟེངས་བསྟོད་པ་དང་དགུ་རུ་བཤད་དོ། ། |
| Domain | ཆོས་ལུགས། |