78052

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྔའི་རྫས་འབུབ་འབྲུག་གི་ང་རོ་ (1)
Part of speech མིང་ཚིག
Definition རྙིང་མ། རྟ་མགྲིན་གསང་བ་འདུས་པ་ལས། རྔའི་རྫས་འབུབ་འབྲུག་གི་ང་རོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། འདི་ནི་གུ་རུའི་གསུང་བཞིན་རྒྱལ་བ་མཆོག་དབྱངས་བདག་གིས་བྲིས་ནས་གནམ་སྐས་བྲག་ལ་སྦས་སོ༔ ༔ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་སྤྱི་ལོ་ ༡༤༤༢ ཆུ་ཕོ་ཁྱི་ལོར་གནམ་སྐས་ཅན་ནས་གདན་དྲངས། འདིའི་ནང་དོན་ལ། དཀོན་མཆོག་མཆོད་པ་དང། དམ་ཅན་ཐུགས་དམ་བསྐང་བ། དབང་བསྐུར་བྱིན་འབེབས་ལ་སོགས་པར་བྱེད་པའི་ཕྱིར་རྔའི་འབུབ་སྦྱོར་བསྟན་ཏེ། སྦྱོར་བ་རྔའི་ལྤགས་པ་ཇི་ལྟར་དགོས་ཚུལ་དང། དངོས་གཞི་རྫས་བྱུག་ཅིང་ཇི་ལྟར་མཉེད་ཚུལ། ཐང་ལྷོད་བྱུང་ཚེ་ཇི་ལྟར་བཅོས་དགོས་ཚུལ། བཟོ་བའི་དུས་བཅས་བསྟན་ནས། རྗེས་དམ་ཅན་ཕོ་མོ་སྤྲིན་བཞིན་དུ་འདུ་བ་ལ་སོགས་རྫས་རྔའི་ཡོན་ཏན་བསྟན་ནོ། །