78065

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྔུལ་ (1)
Part of speech མིང་ཚིག
Definition ལུས་ཀྱི་དྲོད་ཁམས་ཀྱི་སྙིགས་མ་སྟེ། ལུས་ཀྱི་དྲོད་ཁམས་རྒྱས་པའི་ཚེ་ཁྲག་རྣམས་དྲོས་པར་འགྱུར། ཁྲག་དྲོས་པའི་ཚེ་ལུས་ཀྱི་རྩ་སྦུབས་རྣམས་ལ་དྲོད་ཀྱི་རླངས་པ་འབྱུང་། རླངས་པ་དེ་རྣམས་ཟིལ་པར་གྱུར་ནས་བ་སྤུའི་བུ་གའི་ལམ་ནས་ཕྱིར་ཐོན་པ་ཡིན་ནོ། །
རྔུལ་ (1)
Part of speech བྱ་ཚིག
Definition ལུས་དྲོས་ནས་དྲོད་ཁམས་ཀྱི་སྙིགས་མ་ཕྱིར་འདོན་པ་སྟེ།
Example རྟ་རྔུལ་ནས་སྒ་སྦངས་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།