78099
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡབ་ཀུན་དགའ་རྡོ་རྗེ་དང་། ཡུམ་ཞིག་མོ་ལ་སྲས་གསུམ་འཁྲུངས་པའི་བར་པ། རབ་བྱུང་གསུམ་པའི་ཆུ་ཁྱི་ ༡༢༠༢ ལོར་འཁྲུངས། རྔོག་ཆོས་རྣམས་ལྷག་ལུས་མེད་པར་ཡབ་ལ་གསན། བྱ་འདུལ་གྱི་སློབ་མ་འཆར་བ་ལ་བསྙེན་པར་རྫོགས། ལོ་རས། ལོ་དྲུག། སྒྲོལ་སྒོམ། མདོ་ཆེན་པ་སོགས་བསྟེན། འཆད་ཉན་མཛད་པས་སློབ་མའང་ལེགས་པར་ཐོན། གཟིམས་ཁང་བྱང་མ་དང་གཙུག་ལག་ཁང་བཞེངས། རྗེ་མར་པའི་གདུང་ཁང་ཡང་དེར་གདན་དྲངས་ཏེ་གདན་ས་མཛད། བརྒྱད་ཅུ་པ་ལྕགས་སྦྲུལ་ ༡༢༨༡ ལོར་གཤེགས་སོ། ། |