78101
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡབ་རིན་ཆེན་བཟང་པོའི་གཅུང་པོ་ཆོས་རྡོར་དང་། ཡུམ་ཇོ་སྲི་ལ་སྲས་ལྔ་བྱུང་བའི་ཆེ་བར། རབ་བྱུང་ལྔ་པའི་ཆུ་ལུག་ ༡༢༨༣ ལོར་འཁྲུངས། རྔོག་པའི་ཆོས་སྐོར་ཐམས་ཅད་ཁུ་བོ་རིན་ཆེན་བཟང་པོ་སོགས་ལས་ཐོབ་པར་མཛད། སོ་བདུན་པ་ལ་རིན་ཆེན་བཟང་པོ་གཤེགས། འབྲི་གུང་བཅུ་གཉིས་རིན་པོ་ཆེ་ལ་ཟབ་ཁྲིད་དང་། སྤྱན་སྔ་གྲགས་པ་རྒྱལ་མཚན་ལ་རྡོར་ཕྲེང་ཞུས་པ་སོགས། བླ་མ་མང་པོ་བསྟེན་ནས་གསན་བསམ་མཛད། ཁམས་དར་རྩེ་མདོ་ཐུག་ཏུ་བྱོན་ཅིང་། རྔོག་པའི་བསྟན་པ་དར་བར་མཛད། རི་བོ་ཆེའི་རིན་པོ་ཆེ་བ་སོགས་སློབ་མ་མང་པོ་བྱུང་། འབྲི་གུང་དུ་དབང་བསྐུར་མཛད་ཚེ་ཕྱི་རོལ་དུ་མེ་དཔུང་འབར་བ་མཐོང་བ་དང་། བདེ་མཆོག་གི་ཞལ་གཟིགས་ནས་ལུང་བསྟན་གནང་བ་སོགས་ངོ་མཚར་ཅན་མང་། བརྟག་གཉིས་ཀྱི་ཟིན་རིས། མཚན་བརྗོད་ཀྱི་འདོན་ཐབས་ཚོགས་འཁོར་རྣམས་མཛད། དོན་བདུན་པ་ས་ཕག་ ༡༣༥༩ ལོར་གཤེགས་སོ། ། |