78106
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། རྔོག་པའི་བསྲེ་འཕོའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་གྱ་བརྒྱད་པ་ཡིན། བརྗོད་བྱ་ནི། འདོད་ཆགས་ཡེ་ཤེས་དང་། ཞེ་སྡང་བརྐྱེད་རྫོགས་དང་། གཏི་མིག་འོད་གསལ་དང་བསྲེ་བའི་གནད་ཀྱིས་འཁོར་བའི་རྩ་བ་དུག་གསུམ་མ་སྤངས་དབྱིངས་སུ་དག་པའི་གདམས་པ། རྐྱེ་འཆི་བར་དོར་ཕྱག་རྒྱ་ཆེན་པོར་གྲོལ་བའི་གདམས་པ་བསྲེ་འཕོའི་མན་ངག་ཉམས་སུ་ལེན་ཚུལ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་ཆེན་ཀླུ་སྒྲུབ་འཕགས་པ་ལྷ། །ཏཻ་ལོ་ནཱ་རོ་མར་པ་རྔོག་ཆོས་རྡོར། །ཞེ་སྡང་རྡོ་རྗེ་ཀུན་དགའ་གཟི་བརྗིད་གྲགས། །རིན་བཟང་ཆོས་ཀྱི་རྒྱལ་མཚན་དོན་གྲུབ་དཔལ། །བྱང་དཔལ་བཀྲ་ཤིས་དཔལ་གྲུབ་པོ་དྷི་ཤྲཱི། །བྱང་ཆུབ་གྲགས་པ་བློ་གྲོས་དཔལ་བཟང་པོ། །ཞེས་སོགས་དང་། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྦྱན་རས་གཟིགས་ཀྱི་ཁྲིད་ལྟར་རོ། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། རྔོག་ཞེ་སྡང་རྡོ་རྗེའི་ཁྲིད་དཔེ་ལས་བཏུས་སོ། །ཞེས་འབྱུང་ངོ་། ། |
| Domain | ཆོས་ལུགས། |