78108
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དྲུག་པའི་ལྕགས་བྱི་ཕྱི་ལོ་ ༡༣༦༠ ལོར་སྤྲེའུ་ཞིང་དུ་ཡབ་རྔོག་དོན་གྲུབ་དཔལ་བཟང་གི་སྲས་སུ་འཁྲུངས། ཡབ་ཀྱིས་ཉེ་གནས་དང་སློབ་གཉེར་སྦྲགས་ནས་མཛད་པས་རྔོག་པའི་ཆོས་རྣམས་ལ་མཁས་པར་གྱུར། གདན་སར་ཕེབས་ནས་འཆད་རྩོད་རྩོམ་གསུམ་གྱིས་ཚོགས་པ་བསྐྱངས། གྲུམ་བུ་ལུང་དུ་ཆོས་གསུང་སྐབས་རྗེ་ཙོང་ཁ་པ་ཆེན་པོ་མཇལ་དུས་རྗེས་བཀུར་སྟི་ཆེན་པོ་མཛད། ཆོས་རྗེ་བཀྲ་ཤིས་དཔལ་ལྡན་དང་། མཁན་ཆེན་པདྨ་བཟང་པོ་སོགས་མཁྱེན་རབ་ཅན་གྱི་སློབ་མ་མང་དུ་འདུས། མིའི་བདག་པོ་གྲགས་པ་འབྱུང་གནས་ཀྱི་སྤྱན་དྲངས། རྔོག་ལུགས་ཀྱི་དབང་དང་རྒྱུད་བཤད་གདམས་པ་དང་བཅས་པ་གསན། ལྡུམ་ཆུང་བ་དོན་གྲུབ་དཔལ་བ་དང་། བྱམས་གླིང་ཆོས་རྗེ་བསོད་ནམས་རྣམ་པར་རྒྱལ་བ། སྨྲ་བའི་ཁྱུ་མཆོག་དཔལ་ཆོས་ཀྱི་གྲགས་པ། དྲུང་བསོད་ནམས་རྒྱལ་མཚན་རྣམས་ཀྱིས་ཀྱང་ཆོས་མང་དུ་ཞུས། གདན་ས་བ་རྣམས་ལ་གདན་བཞིའི་བཤད་རྒྱུན་ཆད་པར། རྗེ་ཙོང་ཁ་པ་ཆེན་པོའི་བཀའ་ལུང་ལ་ཁྱེད་ཀྱིས་ཅིས་ཀྱང་གདན་བཞིའི་བཤད་པ་དེ་ཡོད་པ་མཛད་གསུངས་པས། སྤྲེའུ་ཞིང་གླིང་གསེབ་ནས་སློབ་དཔོན་ཚུལ་མགོན་པ་ཞེས་བྱ་བའི་བགྲེས་པོ་ཞིག་ལ་ལུང་ལེགས་པར་བཞུགས་པ་མནོས་ནས་བཤད་པ་ཡང་མང་དུ་མཛད། རབ་བྱུང་བདུན་པའི་མེ་སྟག་ཕྱི་ལོ་ ༡༤༤༦ ལོར་སྐུ་གཤེགས། གསུང་རྩོམ་ནི་བརྟག་གཉིས་ཀྱི་གཞུང་རྡོ་རྗེ་མའི་མཆན་འགྲེལ་བཅས་བཞུགས། |