78109

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྔོག་བྱང་ཆུབ་འབྱུང་གནས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་པའི་མཇུག་ཏུ་དབུས་སུ་འཁྲུངས། དུས་རབས་བཅུ་གཅིག་པའི་སྟོད་དུ་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ལས་རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་མནོས། འདུལ་བའི་ཆོས་གཞུང་སོགས་གསན། ཡེར་པ་བཟུང་ནས་འདུལ་བའི་སྡེ་བཙུགས། འདུས་པའི་ཚོགས་བསྐྱངས། གཡུ་སྒྲོ་ཁང་དམར་དང་། བཟད་ཀྱི་ལྡིང་པ། ཆུ་ཤུལ་ན་བོ། སྤུས་སྡེ་ལྷོ་གོང་། ཡོལ་ཐང་། ལབ་སོ། གྲལ་མ་ཐང་། ཁ་རག་སོ་གཅིག་བཅས་ལས་འདུལ་བསྟན་སྤེལ། གཞུ་ཀུན་དགའ་ར་བ་དང་ཚ་མིག་སོགས་བརྩིགས་ཏེ། ཆོས་རྒྱུད་མང་དུ་མཆེད་པ་ལ་རྔོག་སྐོར་དུ་གྲགས། ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ཀྱི་སློབ་མ་ཀ་བཞིའི་ཡ་གྱལ་ཞིག་ཡིན།