78110
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡབ་ཀུན་དགའ་རྡོ་རྗེ་དང་། ཡུམ་བརྟན་མ་སྐྱིད་ལ་སྲས་གསུམ་བྱུང་བའི་གཉིས་པར། རབ་བྱུང་བཞི་པའི་ཆུ་ཡོས་ ༡༢༤༣ ལོར་འཁྲུངས། ཁུ་བོ་གཟི་བརྗིད་པ་ལ་རྔོག་ཆོས། བཅོ་བརྒྱད་པ་ལ་མཁན་པོ་ཟུལ་ཕུ་བ་ཆོས་གྲགས་དཔལ་ལས་དགེ་ཚུལ་དང་། སོ་གསུམ་ལ་བསྙེན་པར་རྫོགས། མཁན་པོ་དང་ལས་སློབ་འོད་ཟེར་དཔལ། གསང་སྟེན་ཡེ་ཤེས་དཔལ། སློན་དཔོན་བཟང་མོ་བ། འཕྱོང་པོ་པ། རིན་གཞོན་སོགས་བླ་མ་མང་དུ་བསྟེན། ཁམས་སུ་བྱོན་ནས་ལོ་གཉིས་ལ་འཁོར། ཚལ་པས་བླ་མར་ཁུར། གསེར་གྱི་བཀའ་འགྱུར་རོ་ཅོག་བཞེངས། ལྷ་ཁང་དང་གདན་ས་རྒྱ་ཆེར་བསྐྱེད། མར་པའི་སྤྲུལ་པར་གྲགས་ཤིང་། སྐུ་ཆེ་བའི་ཡོན་ཏན་དཔག་ཏུ་མེད། འཆད་ཉན་དར། མཛད་ཆོས་ཀྱང་རིགས་བསྡུས་དཀྱིལ་ཆོག དབང་གི་ཐོ་ཡིག མངོན་རྟོགས། དེའི་དཀྱིལ་ཆོག་སོགས་བཞུགས། དོན་བདུན་པ་ས་ལུག་ ༡༣༡༩ ལ་གཤེགས་སོ། ། |