78111
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྗེ་འདི་ཉིད་རྔོག་ཆོས་སྐྱབས་ཀྱི་སྲས་སུ་རབ་བྱུང་དང་པོའི་ས་ཕག་ཕྱི་ལོ་༡༠༥༩ལོར་འཁྲུངས། རྔོག་ལེགས་པའི་ཤེས་རབ་ཀྱི་དབོན་དང་སློབ་མ་ཡང་ཡིན། གཞོན་ནུའི་དུས་ནས་ཁུ་བོའི་དྲུང་དུ་བྱོན་ཞིང་། ཁུ་བོ་དང་གཟུས་ཀྱི་སློབ་མ་སྤོ་ཆུང་བ་ཚུལ་ཁྲིམས་ཤེས་རབ་གཉིས་ལས་རབ་ཏུ་བྱུང་། ཁོང་གཉིས་ལ་གསན་པ་མིང་དུ་མཛད་པས་འདི་ཉིད་ཀྱི་ཤེས་རབ་ལ་ཁུ་བོ་མཉེས་ནས་དགུང་ལོ་བཅུ་བདུན་བཞེས་པའི་ཚེ་ཁ་ཆེར་སློབ་གཉེར་དུ་བརྫངས། ཁ་ཆེར་ལོ་བཅུ་བདུན་བཞུགས་ནས་ལོ་པཎ་དུ་མ་བསྟེན། མཁས་པའི་རྩེ་མོར་སོན། ཚད་མ་རྒྱན་སོགས་བསྟན་ཆོས་མང་དུ་བསྒྱུར་ཅིང་འགྱུར་རྙིང་མང་པོར་ཞུས་དག་མཛད། རྔོག་བློ་ལྡན་ཤེས་རབ་ཀྱིས་ལྷ་ས་དང་། བསམ་ཡས། གཉལ་སྒང་སོགས་སུ་གཞུང་ཆེན་པོའི་བཤད་པ་རྒྱ་ཆེར་སྤེལ་སྐབས་དགེ་འདུན་ཁྲི་སྟོང་མང་པོ་བསྡུས་པ་བཅས་མཐར་དགུང་ལོ་ལྔ་བཅུ་ང་གཅིག་པ་རབ་བྱུང་གཉིས་པའི་ས་གླང་ཕྱི་ ༡༡༠༩ ལ་བསམ་ཡས་མ་རིའི་དྲུང་དུ་སྐུ་གཤེགས་སོ། ། |