78114

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྔོག་མདོ་སྡེ་ (1)
Part of speech མིང་ཚིག
Definition ཡབ་རྔོག་སྟོན་དང་། ཡུམ་སྤ་མོ་ཆོས་བརྩོན་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ལྕགས་རྟ་ ༡༠༩༠ ལོར་འཁྲུངས། རྗེ་མར་པ་མཇལ། དགུང་ལོ་བརྒྱད་ལོན་པ་ན་མར་པ་གཤེགས། བཅུ་གསུམ་ལ་ཡབ་གཤེགས། དེ་དུས་ཡབ་ལ་དབང་རྒྱུད་མན་ངག་གསན་ཡང་བརྒྱུད་པ་འདེད་པ་ཙམ་ལས་མེད་པས། ཡབ་གཤེགས་གདོང་ཞལ་ཆེམས་ལ་དགྱེས་རྡོར་རམ། མཱ་ཡ་སྤ་ལ་ཉོན་གསུངས། མན་ངག་ནི་ཆོས་རྡོར་རང་གིས་བརྗེད་ཐོར་བཏབ་སྟེ། རྨོ་མོ་ཞིག་ལ་བུ་འདི་ལོ་བཅོ་བརྒྱད་ལོན་དུས་སྤྲོད་གསུངས་པས། དཔེ་འདི་ལ་རྔོག་པའི་བསྲེ་འཕོར་གྲགས། གསུང་བཞིན་རམ་ཅན་དུ་བྱོན། དེས་དང་དོད་མ་བྱས་པས་མ་མགུ་བར་ལོག། རྔོག་དང་སྤ་ལ་གསན་ཟེར། གཞན་ཡང་བླ་མ་མང་དུ་བསྟེན། དེ་དུས་ཀྱི་གསང་སྔགས་པ་ལ་མཁྱེན་པ་ཆེ་བར་གྲགས། དགུང་ལོ་དོན་བདུན་གྱི་བར་དུ་དབང་རྒྱུད་གདམས་པ་ལ་འཆད་ཉན་མཛད་དེ། མེ་ཁྱི་ ༡༡༦༦ ལོར་གཤེགས། འདིས་བརྟག་གཉིས་ལ་འགྲེལ་བ་རིན་ཆེན་རྒྱན་འདྲ་ཞེས་རྗེ་ཡབ་སྲས་ཀྱི་བཀའ་ཡང་དག་པའི་ཚད་མ་ལུས་ལྟ་བུ་དེ་ལ་རྒྱན་བཏགས་པ་འདྲ་བར་འདི་མཛད། གཞན་གུར། སམྦུཊི། མཚན་བརྗོད་ལའང་མཛད། མན་ངག་གི་ཡི་གེའང་མང་། དེ་ལ་སློབ་མ་རྩག་ཆོས་ཀྱི་རྒྱལ་པོ། མགར་བཀྲ་ཤིས་རིན་ཆེེེེེེན། འཚོའུ་དར་རེ། མལ་ཡེེར་པ་བ། ཏྲེ་བོ་མགོན་པོ། ངོར་རྗེ་ཀུན་དགའ་འོད། ཤེན་རྡོ་རྗེ་སེང་གེ། མཉམ་མེད་ཤཱཀྱ་ཡེ་ཤེས། ཅོག་རོ་ཆོས་ཀྱི་རྒྱལ་མཚན། ལྷ་ཕུག་མཁར་བ། རྔོག་ཚ་ཆོས་སྐུ། དྲན་སྟོན་མཐའ་བྲལ། ལྷོ་ནག་གཉལ་བ་རྔོག། རྒྱལ་ཚ་རིན་ཆེན་མགོན། བླ་མ་ཞང་སོགས་མཐའ་ཡས་པ་ཞིག་བྱུང་ངོ་། །