78120

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྔོག་རྒྱལ་ཚ་ཐོག་མེད་གྲགས་པ་ (1)
Part of speech མིང་ཚིག
Definition རྒྱལ་ཚ་ཐོག་མེད་གྲགས་པ་མཆོག་ནི། རྔོག་མདོ་སྡེར་སྲས་མང་ན་ཡང་སྐུ་ཚེ་ཡུན་རིང་བཞུགས་ཤིང་བསྟན་འགྲོའི་མཛད་རྗེས་ཅན་ནི་རྒྱལ་ཚ་དང་། གཙང་ཚ་ཞེས་གཉིས་བྱུང་བ་ལས། སྲས་ཆུང་བ་རྒྱལ་ཚ་ཐོགས་མེད་གྲགས་པ་ནི། ཡབ་ལ་སྔགས་གཞུང་མཁས་པར་བསླབས། ཡི་གེའང་དུ་མ་མཛད། བཤད་པའི་ཕྲིན་ལས་ཆེ། དགུང་ལོ་སོ་བདུན་བར་བཞུགས། དེའི་སྲས་རྒྱལ་ཚ་ར་མོ་དང་། རྡོ་རྗེ་སེང་གེ། རྡོ་རྗེ་སེངྒེ་ལ་གཙང་པ་རྒྱ་རས་སོགས་ཀྱིས་གཏུགས། དགུང་ལོ་རེ་བརྒྱད་བར་བཞུགས་སོ། རྒལ་ཚ་ར་མོའི་གདུང་རྒྱུད་ཀྱི་རིམ་པ་ཡང་ཕྱིས་ཀྱི་བར་དུ་བཞུགས་པར་བཤད་དོ། རྔོག་མདོ་སྡེའི་སྲས་ཆེ་བ་གཙང་ཚ་ཇོ་ཚུལ་ལམ་ཚུལ་ཁྲིམས་ཤེས་རབ་ཀྱི་སྲས་རྔོག་ཀུན་དགའ་རྡོ་རྗེ་ཡིན། སྲས་འདི་བྱུང་ནས་ཡབ་ཀྱིས་དགེ་སློང་མཛད་དེ་རིང་པོར་མ་ལོན་པར་གཤེགས་པས། རྔོག་རིན་ཆེན་བདུན་བརྒྱུད་དུ་མི་བགྲང་ངོ་། །