78121
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་བོ་རྗེའི་སློབ་མ་སྙན་གྲགས་ཅན་དབུས་ཀྱི་ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ་ཡང་ཡིན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་རྔོག་ཆེན་པོའི་རྒྱུད་པ་ཡར་འབྲོག་དོའི་ཕྱི་རོལ་གྱི་མཚོ་ཆེན་པོའི་འགྲམ་དུ་གྲོང་ཆགས་པའི་སྔགས་རྙིང་མ་བའི་དགེ་བཤེས་རྡོ་རྗེ་གཞོན་ནུར་སྲས་ལྔ་ཡོད་པའི་ཆེ་བར་སྐུ་འཁྲུངས། འཁྲུངས་ལོ་མི་གསལ། མངའ་རིས་གུ་གེ་རྒྱལ་པོས་བྱིས་པ་ཤེས་རབ་ཅན་ཉེར་བདུན་ཁ་ཆེའི་ཡུལ་དུ་བཏང་བའི་གྲས་གྱི་ལོ་ཙཱ་བ་ཞིག་ཡིན། འབྲིང་ཡེ་ཤེས་ཡོན་ཏན་ལས་རབ་ཏུ་བྱུང་། སྡེ་སྣོད་སློབ་པར་ཁམས་སུ་བྱོན། ཇོ་བོ་སེ་བཙུན་ལས་ཆོས་མང་དུ་མཁྱེན། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་ལྷན་དབུས་སུ་ཕེབས། བཤད་གྲྭ་བཙུགས་ནས་སློབ་མ་ཡང་མང་དུ་བསྐྱངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལས་ཕྱི་ནང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གདམས་ངག་མང་དུ་གསན། ལོ་ཆེན་རིན་ཆེན་བཟང་པོར་སྒྲ་བསྒྱུར་གྱི་ཕྱག་རོགས་མཛད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ལུང་བསྟན་ལྟར་རབ་བྱུང་དང་པོའི་ཆུ་གླང་ཕྱི་ལོ་ ༡༠༣༧ ལོར་གསང་ཕུ་ནེའུ་ཐོག་ཕྱག་བཏབ། གྲྭ་རྒྱ་ལྔ་བརྒྱ་ཙམ་འདུས། འཆད་ཉན་ཤིན་ཏུ་དར་བར་མཛད། འདས་ལོ་མི་གསལ། སློབ་མ་དབོན་རྔོག་བློ་ལྡན་ཤེས་རབ་སོགས་མང་དུ་བྱོན། བསྒྱུར་རྩོམ་ནི་དབུ་མ་སྙིང་པོའི་ཊཱི་ཀ་སོགས་བསྟན་བཅོས་མང་། ཇོ་འབྲོམ་ཡབ་སྲས་གསུམ་གྱི་ཡ་གྱལ་དང་། ཁུ་རྔོག་འབྲོམ་གསུམ་གྱི་གཅིག་ཡིན། |