78123

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྔོག་ལོ་ཡབ་སྲས་ (1)
Part of speech མིང་ཚིག
Definition རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ་དང་། བློ་ལྡན་ཤེས་རབ་ཁུ་དབོན་གཉིས་ཏེ། ཁུ་བོ་ལེགས་པའི་ཤེས་རབ་ཀྱིས་དང་པོར་སེ་བཙུན་བསྟེན་ནས་ཆོས་གསན། ཕྱིས་སུ་ནག་འཚོ་ལོ་ཙཱ་བ་དང་ལྷན་དུ་ཇོ་བོ་རྗེ་བོད་དུ་གདན་དྲངས་ཏེ་དེའི་ཐུགས་སྲས་སུ་གྱུར། དབུ་མ་སྙིང་པོའི་ཊི་ཀ་སོགས་བསྟན་བཅོས་དུ་མ་བསྒྱུར། རབ་བྱུང་དང་པོའི་ཆུ་གླང་ལོར་གསང་ཕུ་ནེའུ་ཐོག་དགོན་པ་བཏབ། དེའི་སློབ་མ་དང་དབོན་གཉིས་ཀ་ཡིན་པ་བློ་ལྡན་ཤེས་རབ་ནི་རབ་བྱུང་དང་པོའི་ས་ཕག་ལོར་འཁྲུངས། ཇོ་བོའི་ཆོས་རྣམས་ཁུ་བོ་ལས་གསན་པར་མ་ཟད། ཁ་ཆེར་ལོ་གྲངས་བཅུ་བདུན་རིང་ལ་ལོ་པཎ་དུ་མ་བསྟེན་ནས་ཚད་མ་རྒྱན་སོགས་བསྟན་བཅོས་མང་དུ་བསྒྱུར་ཅིང༌། འགྱུར་རྙིང་མང་པོར་ཞུས་དག་མཛད། འཁོར་དུ་སློབ་མ་ཉིས་ཁྲི་ལྷག་ཙམ་འདུས། རབ་བྱུང་གཉིས་པའི་ས་གླང་ལོར་འདས། རྔོག་ལོ་ཡབ་སྲས་ཀྱིས་ཚད་མ་རྣམ་ངེས་དང་བྱམས་ཆོས་གཞིར་བཞག་གིས་གསང་ཕུར་རིགས་ལམ་ནས་དྲངས་པའི་བཤད་ཉན་ཤིན་ཏུ་དར་པོ་བྱུང༌།