78125

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྔོག་སེང་གེ་འབུམ་ (1)
Part of speech མིང་ཚིག
Definition རྔོག་ཆོས་རྒྱལ་གྱི་གཅུང་པོ་སེང་གེ་འབུམ་དང་། ཡུམ་སྤ་མོ་དཔལ་འཛོམས་ལ་སྲས་གསུམ་བྱུང་བའི་ཆེ་བ་དོན་གྲུབ་དཔལ་ནི། རབ་བྱུང་དྲུག་པའི་ལྕགས་ལུག་ ༡༣༣༡ ལོར་འཁྲུངས། ཁུ་བོ་ཆོས་ཀྱི་རྒྱལ་མཚན། མཁན་པོ་བརྩོན་འགྲུས། མཁན་པོ་བྱང་ཆུབ་དཔལ་སོགས་བསྟེན་ནས་རྔོག་པའི་ཆོས་སྐོར་དང་། ཕྲེང་བ་སྐོར་གསུམ་སོགས་གསན། བདེ་བ་ཅན་པ་བཀྲ་ཤིས་སེང་གེ་ལས་སྦྱོར་དྲུག། སྤྱན་སྔ་གྲགས་བྱང་བ་ལས་ཕག་གྲུའི་བཀའ་འབུམ་དང་ཉམས་ཁྲིད་རྣམས་གསན། གཞན་ཡང་སློབ་དཔོན་དཀོན་མཆོག་བརྟན་པ་སོགས་བླ་མ་མང་པོ་བསྟེན། གདན་སར་བཞུགས་ནས་འཆད་སྤེལ་གནང་བས་སློབ་མ་ཡང་རྟ་རྣ་ནང་པ་བློ་གྲོས་རྒྱལ་མཚན། ཆོས་སྒོ་བ་ཆོས་དཔལ་ཤེས་ཪབ། རྣལ་འབྱོར་ཨ་ཧཱུྃ་བཛྲ། སངས་རྒྱས་འབྱུང་གནས། ཀུན་མཁྱེན་ཡོག་པ་གུ་རུ་སོགས་སྨིན་ཅིང་། རེ་བརྒྱད་པ་ས་སྟག་ ༡༣༩༨ ལོར་གཤེགས་སོ། །