7813

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནམ་གཟེར་བཅུ་གསུམ་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་གསུམ་པ་སྤྱོད་པའི་རིམ་པ་ལས་བྱུང་བ་སྟེ། ༡ ཐུག་ཕྲད་རང་སར་གྲོལ་བའི་གནམ་གཟེར། ༢ རྐྱེན་ངན་རིག་པའི་རྩལ་སྤྱོད་དུ་བསྟན་པའི་གནམ་གཟེར། ༣ གང་སྣང་ཐུག་ཕྲད་དུ་གྲོལ་བས་སྤང་གཉེན་གཞི་ལ་སངས་པའི་གནམ་གཟེར། ༤ དགའ་ཆེན་རང་གྲོལ་གྱི་གནམ་གཟེར། ༥ རང་མལ་འཕྲོ་འདུའི་ཤེས་པ་གཉིས་མེད་ཆོས་ཉིད་དུ་གྲོལ་བའི་གནམ་གཟེར། ༦ གཏི་མུག་འོད་གསལ་དུ་འཆར་བ་རྨི་ལམ་གཉིད་ཀྱི་གནམ་གཟེར། ༧ གཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པའི་གནམ་གཟེར། ༨ ཉོན་མོངས་རང་སར་གྲོལ་བའི་གནམ་གཟེར། ༩ བཟང་ངན་བླང་དོར་མེད་པའི་གནམ་གཟེར། ༡༠ ཐེག་པ་རྒྱལ་པོའི་གདུང་རབས་འཛིན་པ་དང་བློ་དམན་ལ་གསང་བའི་གནམ་གཟེར། ༡༡ མན་ངག་ངེས་པའི་དོན་ཆོས་ཉིད་ཅོག་བཞག་ཆེན་པོར་བསྡུ་བའི་གནམ་གཟེར། ༡༢ བདེ་སྡུག་རོ་མཉམ་དུ་བསྲེ་བའི་གནམ་གཟེར། ༡༣ ཀུན་མཉམ་ཡངས་པ་ཆེན་པོའི་གནམ་གཟེར་རང་བབས་ཆོས་ཉིད་དག་པར་གདབ་པ།
Domain ཆོས་ལུགས།