78130
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀུན་མཁྱེན་པདྨ་དཀར་པོའི་དངོས་སློབ་ཡིན། རྔོག་པའི་དབོན་མོ་ཞིག་གི་སྲས་སུ། རབ་བྱུང་དགུ་པའི་མེ་བྱ་ ༡༥༣༧ ལོ་ཙམ་ལ་འཁྲུངས་པར་བཤད། གཞོན་ནུ་ནས་རྔོག་བསོད་ནམས་བསྟན་འཛིན་ལས། རྒྱུད་དྲུག དཀྱིལ་འཁོར་བདུན་སོགས་རྔོག་ཆོས་མཐའ་དག་སྦྱངས། མཁས་གྲུབ་བྱམས་པ་ལྷ་དབང་དང་འཇམ་དབྱངས་ཀུན་དགའ་དཔལ་ལས། རྡོ་རྗེ་ཕྲེང་བ་དང༌། ལམ་འབྲས་སོགས་གསང་སྔགས་མང་དུ་གསན། འབྲུག་པ་ལོ་ཙཱ་བ་ལས་ཀ་ལ་པཱ་སོགས་སྒྲ་རིག་མཁས་པར་བསླབས། ཀུན་མཁྱེན་རྒྱལ་བའི་དབང་པོ་ལྷོ་བྲག་མཁར་ཆུར་བཞུགས་དུས་ཞབས་ལ་གཏུགས། དབང༌། རྒྱུད་བཤད་སོགས་དཀར་བརྒྱུད་རིན་པོ་ཆེའི་གདམས་པ་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་པས། རྒྱུད་སྡེ་ཀུན་གྱི་མངའ་བདག རིག་གནས་མ་ལུས་པའི་འབྱུང་ཁུངས། བཙུན་པ་སོགས་ཡོན་ཏན་དཔེ་ཟླ་བྲལ། ཁྱད་པར་རྒྱུད་བཤད་ལ་སྦྱངས་པ་སད་པ་ཡིན་ཞེས་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཀྱང་བསྔགས་པ་མཛད་ཅིང༌། ལྷོ་བྲག་མཁར་ཆུ་བྱང་ཆུབ་སྙིང་པོའི་སློབ་དཔོན་དང༌། ཕྱིས་རྒྱལ་བྱེད་ཚལ་གྱི་སྔགས་གྲྭར་རྡོ་རྗེ་སློབ་དཔོན་དུ། སྟོན་པའི་བྲིས་སྐུ་སི་ཐང༌། ཐུབ་སྐུ་ཟངས་ཐང་མ། སྣམ་སྦྱར་མངགས་འཐག་སོགས་གནང་སྟེ་མངའ་གསོལ། རྒྱུད་བཤད་ཀྱི་བཀའ་བབ་གཏད། འཆད་ཉན་སྨར་བས་འདི་ཉིད་ཀྱི་ཐོག་ལ་རྒྱུད་སྡེ་སྦྱངས་པ་ཅན་གྱི་དགེ་བཤེས་རགས་ལ་མང་བ་ཐོན། ཀུན་མཐུན་སྣང་དུ་གྲུབ་པའི་ཕྲིན་ལས་མཐའ་ཡས་པ་བསྐྱངས་སོ། ། |