78132

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྔོད་ (1)
Part of speech བྱ་ཚིག
Definition གཡོ་ཐབས་ཀྱིས་བསླུ་བའི་དོན་ཏེ། དག་ཡིག་ལེགས་བཤད་སྐྱ་རེངས་ལས། འབྲིད་དང་བྲིད་དང་བརྔོད་པ་རྣམས། བསླུ་བའི་མིང་དུ་གྲགས་པ་ཡིན། ཞེས་གསུངས།
Type བརྡ་རྙིང་།
Transitive བྱ་བྱེད་ཐ་དད་པ།
Future [བརྔོད།, གཡོ་ཅན་ལ་མ་གཟབ་ན་བརྔོད་ངེས་ཡིན།]
Present [རྔོད།, གཡོ་ཅན་གྱིས་གླེན་པ་རྔོད་ཀྱིན་འདུག]
Past [བརྔོད།, མི་མང་པོ་བརྔོད་ནས་བྲོས།]
Imperative [རྔོད།, གཡོ་ཅན་གཡོས་རྔོད་ཅིག་ལྟ་བུ།]
རྔོད་ (2)
Part of speech བྱ་ཚིག
Definition ནས་དང་ཚོད་མ་སོགས་སླ་ངར་བཞག་ནས་དྲོད་ཚད་ཇེ་མཐོར་བཏང་སྟེ་ཚོས་པར་བྱེད་པའི་དོན།
Keyword True
Future [བརྔོ།, སང་ཉིན་ནས་བརྔོ།]
Present [རྔོད།, ནས་རྔོད་ཀྱིན་འདུག།]
Past [བརྔོས།, ནས་བརྔོས་ཏེ་རྩམ་པ་བཏག]
Imperative [རྔོས།, ཚོད་མ་རྔོས་ཤིག་ལྟ་བུ།]