7816

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནམ་གྱི་ཁྲི་བདུན་ (1)
Part of speech མིང་ཚིག
Definition སྔར་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ་མུ་ཁྲི་བཙན་པོ་དང་། དིང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། མེར་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབ་ཁྲི་བཙན་པོ་བཅས་རྒྱལ་རབས་བདུན་གྱི་མིང་སྟེ། བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་རྙིང་པ་རྣམས་སུ་དེ་དག་སྐུ་གཤེགས་སྐབས་རྨུ་ཐག་ལ་འཇུས་ནས་ནམ་མཁར་གཤེགས་ཚུལ་བཀོད་ཡོད། མུ་ཁྲི་བཙན་པོ་ནས་སྲིབ་ཁྲི་བཙན་པོའི་བར་གྱི་མཚན་རྣམས་ནི་ཡུམ་གྱི་མཚན་གྱི་ཆ་ཤས་ལས་བཏགས་པ་ཡིན།
Domain ལོ་རྒྱུས།