78161

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་གཏུམ་སྟོན་བློ་གྲོས་གྲགས་པ་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་མེ་ཁྱི་ཕྱི་ལོ་༡༡༠༦ལོར་སྐུ་འཁྲུངས། བླ་མ་ཤར་བ་ཁྱོད་ཀྱིས་དགེ་སློང་བཞི་སྡེ་རེ་དང་འགྲོགས་ཤིག་ཅེས་ཞལ་ཆེམས་གསུང་བ་ལས། གཏུམ་སྟོན་གྱིས་ལྕགས་ཕོ་བྱ་ཕྱི་ལོ་༡༡༤༡ནས་རབ་བྱུང་གསུམ་པའི་ཆུ་ཕོ་སྤྲེལ་ ཕྱི་ལོ་༡༡༥༢ལོའི་བར་སྣར་ཐང་དང་ཉེ་བའི་གནས་ཅི་རིགས་སུ་གནས་ཏེ། ཐུགས་དམ་མཛད་པའི་ཚེ་འཁོར་ཁ་ཅིག་ཀྱང་འདུས་པས་ཆུ་མོ་བྱ་ཕྱི་ལོ་༡༡༥༣ལོར་སྣར་ཐང་བཏབ། ལོ་བཅུ་བཞིར་བཞུགས་ནས་གདན་སར་རྡོ་སྟོན་ཤེས་རབ་གྲགས་བསྐོས་ཏེ་རྙིང་ལ་སྟོད་དུ་ཐེགས། རབ་བྱུང་གསུམ་པའི་མེ་ཁྱི་ཕྱི་ལོ་༡༡༦༦ལོར་འདས།