78168

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་དབོན་བློ་བཟང་ཉི་མ་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ས་ལུག་ཕྱི་ལོ་ ༡༤༣༩ ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཚ་ཞིག་གི་སྲས་སུ་འཁྲུངས། རབ་བྱུང་བརྒྱད་པའི་ཆུ་བྱི་ཕྱི་ལོ་ ༡༤༩༢ ལོར་སྐུ་གཤེགས། གཞོན་དུས་ནས་དབུས་སུ་བྱོན། མཁས་པ་མུས་སྲས་པ་བློ་གྲོས་རིན་ཆེན་དང་། བླ་མ་ལྟག་ལེབ་བྱང་རྒྱལ། སློབ་དཔོན་གྲགས་འོད་པ་སོགས་ལས་གསུང་རབ་ཀུན་ལ་མཁས་པར། གསང་ཕུར་པོ་ཏི་ཉེར་གཉིས་ཀྱི་གྲྭ་སྐོར་མཛད། སློབ་དཔོན་རྩེ་ཉག་པ་རིགས་པས་ཕམ། ར་བ་སྟོད་པའི་འཆད་ཉན་པ་མཛད། བཀྲ་ཤིས་ལྷུན་པོར་རྗེ་དགེ་འདུན་གྲུབ་ལས་ཆོས་གསན། དབུས་སུ་ཕེབས་ཏེ་འབྲས་སྤུངས་ཀྱི་ཁྲི་ཐོག་ལོ་ཤས་མཛད། ཞེ་གསུམ་པར་གསང་ཕུ་གླིང་སྨད་ཀྱི་ཆོས་རྗེའི་གོ་སར་ཕེབས། དྲང་ངེས་རྣམ་འབྱེད་སོགས་གསུངས། ང་གཉིས་པ་རབ་བྱུང་བརྒྱད་པའི་ལྕགས་ཁྱི་ཕྱི་ལོ་ ༡༤༩༠ ལོར་དགའ་ལྡན་གསེར་ཁྲིར་བཞུགས། གསེར་ཁྲི་ལོ་གསུམ་རིང་བསྐྱངས། ང་བཞི་པ་རབ་བྱུང་བརྒྱད་པའི་ཆུ་བྱི་ཕྱི་ལོ་ ༡༤༩༢ ལོར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་དགུ་པ་ཡིན།

{{#arraymap:རྗེ་དབོན་བློ་བཟང་ཉི་མ་

|; |@@@ | | }}