78173
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་ལུང་མར་ཐང་རི་བོ་ཆེའི་གདན་རབས་ཉེར་གསུམ་པ། རབ་བྱུང་བཅོ་ལྔའི་ཤིང་གླང་ཕྱི་ལོ་ ༡༩༢༥ ལོར་རྨ་རི་བཅུ་ཤོད་རླངས་གཡུ་པ་ཚང་དུ་ཡབ་དགེ་ལེགས་དཔལ་བཟང་དང་། ཡུམ་དཀོན་མཆོག་དཔལ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྩེ་སྤྲུལ་ངག་དབང་དཔལ་ལྡན་དང་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་སོགས་ནས་རྗེ་དྲུང་བདུན་པའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་གོང་ས་བཅུ་གསུམ་པར་སྤྲུལ་སྐུ་དགོན་པར་བཞག་ཆོག་པར་ཞུས་དོན་བཞིན་བསྩལ་ནས་ཡང་དགོན་དུ་གདན་དྲངས། ཕྱི་ལོ་༡༩༣༦ལོར་སྟག་ལུང་དུ་ཕེབས་ནས་རྩེ་སྤྲུལ་ངག་དབང་དཔལ་ལྡན་གྱི་དྲུང་ནས་རང་ལུགས་ཀྱི་གདམ་པ་ལོ་གཉིས་ལྷག་ཙམ་རིང་གསན། རྭ་སྒྲེང་འཇམ་དཔལ་ཡེ་ཤེས་ལས་རབ་ཏུ་བྱུང་། གཞུང་ནས་སྔར་གསོལ་གོ་གནས་གང་ཡོད་སྤྲད། སྟག་ལུང་ཐང་པའི་བཀའ་འབུམ་ཤིང་པར་དུ་བརྐོས། ངག་དབང་རྣམ་རྒྱལ་དང་བཀྲ་ཤིས་དཔལ་གྲུབ། རིན་ཆེན་ལེགས་གྲུབ། ཆོས་དབྱིངས་ལྷུན་གྲུབ། བྱམས་པའི་འབྱུང་གནས་སོགས་ཀྱི་གསུང་འབུམ་བྲིས་མ་པོད་བཞི་བཅུ་ཞི་བཞིའི་སྐོར་དང་སངས་རྒྱས་དབོན་དང་མི་འཁྲུགས་པ་སོགས་ཀྱི་སྐུས་གཙོས་རྟེན་བཞེངས་དུ་མ་མཛད། མཐར་ཕྱི་ལོ་ ༡༩༨༢ ལོར་སྐུ་གཤེགས། |