78174
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་ལུང་མར་ཐང་རི་བོ་ཆེའི་ཁྲི་རབས་བཅུ་དྲུག་པ། ཤིང་གླང་ཕྱི་ལོ་ ༡༧༤༥ དཔའ་ཤོད་དབྲ་གྲུ་ཁར་སྐུ་འཁྲུངས། འབེ་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ་ཡོངས་འཛིན་དུ་བསྐོས་ནས་རིག་པའི་གནས་ལྔ་ལ་སྦྱངས་པ་མཛད། འཕགས་མཆོག་བཀྲ་ཤིས་གྲགས་པ་རྒྱལ་མཚན་ལས་རང་ལུགས་ཀྱི་ཟབ་ཆོས་རྣམས་གསན། རི་ཆེའི་ཁྲིར་བཞུགས་ནས་ཆོས་སྲིད་བསྐྱངས། རང་ཉིད་ཀྱི་ཕྱག་གིས་བསྐྲུན་པའི་སྐུ་དང་དཀྱིལ་འཁོར་མང་པོ་བཞེངས། གོང་མ་དྷ་ཀོང་ཞེས་པས་ཧ་ཐོག་ཐུའི་ཆོ་ལོ་ཕུལ་བར་གྲགས། དབྱེན་གྱི་སྦྱོར་བ་བརྟེན་བླ་བྲང་གཉིས་ཁ་མཆུ་ཐུག་པ་སོགས་བྱུང་ཡང་། ངལ་བ་ཙམ་ལས་ལ་རྒྱའི་འཛིན་སྐྱོང་རང་སོར་གནས། སྐབས་དེར་དཔའ་ཤོད་དང་རི་ཆེ་མ་མཐུན་པས་ས་སྡེ་འཕྲོག་རྩོད་སོགས་བྱུང་རྐྱེན་གྱིས་ཐུགས་སུན་ལྟ་བུས་ཀུན་སྤངས་མཛད་དེ་ལྷ་ལུང་འབྲུག་པ་ཁར་ཡང་དབེན་ཕྱི་ནང་རྟེན་དང་བཅས་པའི་གསར་བཞེངས་ཀྱིས་དེར་སྒྲུབ་པ་ལ་བཞུགས། ཕྱི་རབས་གདུལ་བྱ་ལ་གསུང་རྩོམ་དཔོད་གཉིས་བཞག་གནང་མཛད་དེ། མཐར་རབ་བྱུང་བཅུ་བཞི་པའི་ས་བྱི་ཕྱི་ལོ་ ༡༨༢༨ ལོར་སྐུ་གཤེགས། |