78175
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་ལུང་མར་ཐང་རི་བོ་ཆེའི་གདན་རབས་བཅུ་བཞི་པ། ཤིང་ལུགས་ཕྱི་ལོ་ ༡༧༢༣ ལོར་ཁྱུང་པོ་ནག་རུའི་ཁོངས། ས་རུ་གྲོང་དུ་གྭ་ཟི་དཔོན་ཚང་གི་ཁྱིམ་དུ་འཁྲུངས། རྗེ་དྲུང་སྐུ་སྐྱེ་རེད་ཅེས་ཡོངས་གྲགས་སུ་གྱུར་ཀྱང་། རྩེ་ཞབས་ཨོ་རྒྱན་བཀྲ་ཤིས་རྣམ་རྒྱལ་ལ་གདུང་སྲས་ཡོང་བའི་རེ་བས་བདག་པོ་མ་གནང་། འོན་ཀྱང་རི་ཆེའི་གྲྭ་པ་བྱས་ཏེ། འཕགས་མཆོག་ངག་དབང་གྲགས་པ་ལས་རང་ལུགས་ཀྱི་ཟབ་ཆོས་ཀུན་གསན་ནས་ཐོས་བསམ་སྒོམ་གསུམ་མཛད་དེ་བསྙེན་པར་རྫོགས། གསར་མ་གྲྭ་ཚང་གི་མཐུ་དཔོན་བླ་མ་གནང་། གདུང་སྲས་ཁྲི་པ་ཆོས་རྗེའི་རྒྱུན་ཆད་པ་དང་། འཕགས་མཆོག་སྐུ་ཚེ་རིང་པོ་མ་ཐུབ་པའི་རྐྱེན་གྱིས་རྗེ་འདི་ཉིད་ས་རྟ་ཕྱི་ལོ་ ༡༧༣༨ ལོར་རི་ཆེའི་ཁྲི་ལ་བཞུགས་ནས་གོང་མའི་རྣམ་ཐར་བཞིན་གདན་ས་བསྐྱངས། འཕགས་མཆོག་ངག་དབང་གྲགས་པའི་གདུང་རྟེན་དང་འདྲ་སྐུ། དངུལ་གྱི་བཀའ་བསྟན་སོགས་གསར་དུ་བསྐྲུན་པར་མཛད། མཐར་ཆུ་མོ་ཕག་ཕྱི་ལོ་ ༡༧༤༣ ལོར་སྐུ་གཤེགས། |