78176

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་དྲུང་ལྷ་དབང་ཆོས་ཀྱི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་མེ་བྱ་ཕྱི་ལོ་༡༥༣༧ ལོར་མདོ་སྨད་ཁུལ་དུ་འཁྲུངས། བླ་མ་ཀུན་དགའ་བཟང་པོ་བསྟེན། ཆོས་སྤྱོད་སོགས་ཐུགས་འཛིན་གནང་། བཅུ་གཉིས་པར་རྒྱལ་བ་དམ་པ་འཕགས་པ་སངས་རྒྱས་ལས་རབ་ཏུ་བྱུང། ལྷ་དབང་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། སྒར་ཐོག་དགོན་གྱི་ཆོས་གྲྭར་ཞུགས། ཉེར་གཅིག་པར་དབུས་སུ་ཕེབས། གསང་ཕུ་སོགས་ལས་ལོ་བཅུ་གཅིག་རིང་གཞུང་ཆེན་ལྔར་སློབ་གཉེར་མཛད། རྒྱལ་བ་བསོད་ནམས་རྒྱ་མཚོ་མཇལ་བར་འབྲས་སྤུངས་སུ་ཕེབས། དམ་ཆོས་མང་དུ་གསན། སོ་བཞི་པར་རང་ཡུལ་དུ་ཕྱིར་ཕེབས། ཞེ་བཞི་པ་རབ་བྱུང་བཅུ་པའི་ལྕགས་འབྲུག་ཕྱི་ལོ་༡༥༨༠ ལོར་ཆབ་མདོ་བྱམས་པ་གླིང་གི་ཁྲིར་ཕེབས། རེ་དགུ་པ་རབ་བྱུང་བཅུ་པའི་ཤིང་སྦྲུལ་ཕྱི་ལོ་༡༦༠༥ ལོར་སྐུ་གཤེགས། གསུང་རྩོམ་ནི་རྟ་མཆོག་རྒྱལ་པོའི་སྒྲུབ་ཐབས་མདོར་བསྡུས། དཔལ་གསང་བ་འདུས་པའི་སྨོན་ལམ་གྱི་ཚིག་དོན་ཅུང་ཟད་མཆན་གྱི་སྒོ་ནས་གསལ་བར་བྱེད་པ། རང་གཞན་དོན་གཉིས་སྒྲུབ་ཚུལ་མདོར་བསྡུས། རྗེ་བཙུན་བློ་བཟང་གྲགས་པའི་རྣམ་ཐར་མདོར་བསྡུས་སོགས་མང་དུ་མཛད། མཚན་གཞན། བ་སོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན།