78180
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གཉིས་པའི་སྟོད་དུ་སུམ་པ་ཉེའུ་མཁར་དུ་ཡབ་སུམ་པ་དབང་ཕྱུག་དང་། ཡུམ་རྨ་མོ་ཁྱེ་མཁར་གཉིས་ཀྱི་སྲས་སུ་འཁྲུངས། མྱང་སྟོད་སྟག་ཚལ་དུ་ཕེབས། སྟོད་ལུང་པ་རྒྱ་དམར་བ་དང་། རོག་མངོན་པ་གཉིས་ཀྱི་གྲྭ་སར་ཞུགས་ནས་རབ་ཏུ་བྱུང་། རྗེ་རས་ཆུང་པ་ལས་དབང་དང་གདམས་ངག་མང་དུ་ཞུས། རྗེ་རས་ཆུང་པའི་ཉེ་གནས་མཛད་དེ་ཡུན་རིང་དུ་བཞུགས། རྗེ་རས་ཆུང་པ་སྐུ་གཤེགས་རྗེས་གདན་ས་བཟུང་། སྐབས་དེར་ཆུ་བོ་གངྒཱའི་ཚུན་དུ་བཟང་བར་གྲགས། གདམས་ངག་ལ་འདི་ལས་མང་བ་རྒྱ་བོད་གཉིས་ཀར་མེད། རྗེ་ཕག་མོ་གྲུ་པའི་ཞལ་ནས་ཀྱང་རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་ཞིག་ཡིན་ཏེ། རྟེན་འབྲེལ་ཨེན་ཙམ་ཞིག་གིས་ཕན་ཐོགས་ཆེ་བ་མ་བྱུང་ཡིན་ཞེས་གསུངས། |