78181

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་བཙུན་གསེར་ཁང་བ་ (1)
Part of speech མིང་ཚིག
Definition གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་སྟེ། རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་ཕྱི་ལོ་༡༧༨༠ལོར་ཨ་རིག་ཆུ་སྟོད་དུ་འཁྲུངས། དགུང་ལོ་བདུན་པར་ཀ་ཀོར་སྤྲུལ་སྐུའི་དྲུང་དུ་ནས་རབ་བྱུང་དང་དགེ་ཚུལ་བསྒྲུབས། བཅུ་གསུམ་པར་རྭ་རྒྱའི་ཆོས་གྲྭར་ཞུགས། ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་ལས་ཆོས་མང་པོ་གསན། དགུང་ལོ་ཉི་ཤུ་པ་ས་ལུག་ཕྱི་ལོ་༡༧༩༩ལོར་རྗེ་དེ་ཉིད་ལས་བསྙེན་པར་རྫོགས། དེ་ནས་རྭ་རྒྱའི་ཉེ་འཁོར་རྒོད་པོ་རྫོང་དུ་ཡུན་རིང་བཞུགས། མཚོ་སྙིང་དུ་ལོ་ངོ་གསུམ་དུ་སྐུ་མཚམས་བསྡམས། གསེར་ཁང་དུ་འདག་སྦྱར་གྱིས་ལོ་མཚམས་ཁ་ཤས་གནང་བས་གསེར་ཁང་བར་གྲགས། ཙོང་ཆུ་བྱང་རྒྱུད་ཀྱི་དགོན་སྡེ་མཆོད་རྟེན་ཐང་དང་། དགོན་ལུང་། གསེར་ཁོག་སོགས་སུ་ཕེབས་ཏེ་དབང་ལུང་སོགས་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་མཛད། དེ་ནས་རྒྱ་ནག་རི་བོ་རྩེ་ལྔར་ཕེབས། པེ་ཅིང་དུ་ཙན་དན་ཇོ་བོ་མཇལ། སྤྱིར་རྗེ་འདིར་མདོ་སྨད་ལྷོ་བྱང་གི་བཤད་སྒྲུབ་ཀྱི་སྡེ་མང་པོ་དང་གོང་མའི་རྒྱལ་ཁབ་ཡན་ཞབས་ཀྱིས་བཅགས་ཏེ་ཐུབ་བསྟན་སྙིང་པོ་རྗེ་བླ་མའི་ལུགས་བཟང་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་སྤེལ་བའི་མཛད་རྗེས་མཆོག་ཏུ་ཆེའོ། །རབ་བྱུང་བཅུ་བཞི་པའི་ས་སྤྲེལ་ཕྱི་ལོ་༡༨༤༨ལོར་སྐུ་གཤེགས།