78193
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱུད་སྟོད་མཁན་ཐོག་༢༦ པ་དང་དགའ་ཁྲི་༤༣ པ་རྗེ་བཙུན་བྱམས་པ་བཀྲ་ཤིས་ནི། ཕྱི་ལོ་༡༦༡༨ ས་ཕོ་རྟ་ཡི་ལོར་རྒྱལ་དུ་སྐུ་འཁྲུངས། དྭགས་པོ་གྲྭ་ཚང་དང་རྒྱུད་སྟོད་དུ་མདོ་སྔགས་ཀྱི་ཐུགས་གཉེར་མཛད། ཕྱི་ལོ་༡༦༧༥ ཤིང་མོ་ཡོས་ཀྱི་ལོར་གསེར་ཁྲིར་འཁོད་ནས་འགྲོ་དོན་རྒྱ་ཆེར་མཛད་དེ་དགུང་ལོ་༦༧ ཕེབས་པ། ཕྱི་ལོ་༡༦༨༤ ཤིང་ཕོ་བྱི་བའི་ལོར་གླིང་ཡགས་སུ་ཟུར་བཞུགས་ཐོག་གཟུགས་སྐུ་ཆོས་དབྱིངས་སུ་གཤེགས། |