78220
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | པཎྜི་ཏ་གནས་བརྟན་དཔེ་མེད་ཀྱིས་སྲུངས་པས་མཛད་པའི་རྗེ་བཙུན་འཕགས་མ་སྒྲོལ་མའི་སྒྲུབ་ཐབས། ། ཆོས་ཚན་འདིའི་དབུར་“རྗེ་བཙུན་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་པཎྜི་ཏ་གནས་བརྟན་དཔེ་མེད་ཀྱིས་བསྲུངས་པས་མཛད་པ། མཇུག་ཏུ་འདིའི་དབུ་ཞབས་རྣམས་ནི་སློབ་དཔོན་འདི་ཉིད་ཀྱིས་མཛད་པའི་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་ནམ་མཁའ་ལ་གཤེགས་པའི་སྒྲུབ་ཐབས་དང་འདྲ་སེ་སྣང་ངོ་། ། ཆོས་ཚན་འདི་སྡེ་དགེ་པར་མ་དང་། ཅོ་ནེ་གཉིས་ལ་མི་བཞུགས་ལ། པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུའང་འཁོད་མེད། བསྟན་འགྱུར་རྒྱུད་ཕ་པར་བཞུགས། |