From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གནམ་གྱི་འཇུ་ཐག་ (1)
| Part of speech
|
མིང་ཚིག
|
| Definition
|
བརྩི་བྱ་དག་གི་རྩིས་བྱེད་དུས་ཀྱི་ལོག་མེན་ལོ་ནས་ཡར་ལུགས་ལྡོག་ཏུ་བགྲངས་པའི་ལྔ་པ་ལ་ཟེར་ཞིང་། ཀེག་རྩིས་སྐབས་སུ་དེའི་སྲོག་ཁམས་ནི་བརྩི་བྱ་དེ་ཉིད་ཀྱི་རང་ལོའི་སྲོག་ཁམས་ཀྱི་འཐབ་ཡུལ་ཡིན། དེར་འཐབ་པའི་འཐབ་རྡེལ་ནག་ན་གནམ་གྱི་འཇུ་ཐག་ཆད་ཅེས་པའི་ཕུ་བོ་ཆེ་བར་ངན་དུས་ཡིན་པས། བཅོས་སུ་སྒྲོལ་མ་སྟོང་དང་མགོན་པོ། བླ་བསླུ་བཅས་བྱ་དགོས། གལ་སྲིད་བརྩི་བྱར་བབས་པའི་ལོག་མེན་ལོ་ས་ལུག་ཡིན་པར་ཆ་བཞག་ན། དེ་གཅིག་བྱས་ནས་ཡར་ལུགས་ལྡོག་ལ་བགྲངས་པའི་གཉིས་པ་ས་རྟ་དང་། གསུམ་པ་མེ་སྦྲུལ། བཞི་པ་མེ་འབྲུག ལྔ་པ་ཤིང་ཡོས་བཅས་ཡིན་པས། ལོ་དེའི་གནམ་གྱི་འཇུ་ཐག་ཤིང་ཡོས་དང་། རང་ལོའི་སྲོག་ཁམས་ཀྱི་འཐབ་ཡུལ་ནི་ཤིང་མོ་ཡོས་ཀྱི་སྲོག་ཁམས་ཤིང་ཡིན་པ་ལྟ་བུ་ཡིན།
|
| Domain
|
རྩིས་རིག
|
གནམ་གྱི་འཇུ་ཐག་ (2)
| Part of speech
|
མིང་ཚིག
|
| Definition
|
གནམ་ལ་བྲེས་པའམ་བརྒྱངས་པའི་དམུ་ཐག་དང་གཡང་ཐག་ལ་བྱ་སྟེ། རྣམ་པར་རྒྱལ་བའི་ཕྱྭ་གཡང་དམུ་ཞགས་འཁྱིལ་བ་ལས། དམུ་ཐག་གཡང་ཐག་དགུང་དུ་བྲེས། གནམ་གྱི་འཇུ་ཐག་དེ་ལ་བྱ། ཞེས་སོ། །
|
| Domain
|
ཆོས་ལུགས།
|