78234
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅོ་ལྔ་བའི་ཤིང་འབྲུག་ཕྱི་ལོ་ ༡༩༠༤ ལོར་མདོ་སྨད་རྐང་ཚའི་ཆུ་ཆ་གྱོ་མོག་ལུང་མཚེར་དུ་ཡབ་ནུ་ཞི་མགོན་སྐྱབས་དང་། ཡུམ་སྐྱིད་ཀོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་ཞྭ་དམར་པཎྜི་ཏའི་དྲུང་ནས་རབ་ཏུ་བྱུང་། བཅུ་གཉིས་པར་རང་དགོན་ནས་ཡི་གེའི་འབྲི་ཀློག་སོགས་སྦྱངས། བཅུ་གསུམ་པར་སྡེའུ་ཚ་བཀྲ་ཤིས་ཆོས་སྡིངས་སུ་སློབ་སྦྱོང་བྱེད་པར་ཕེབས། དགེ་བཤེས་ཤེས་བཞིན་ཁོང་དང་ཁ་རྒྱའི་ཨ་ཁུ་ཕུན་ཚོགས་རྣམས་ལས་བསྡུས་གྲྭ་དང་། བློ་རྟགས། ཕར་ཕྱིན་རྣམས་ལ་བརྩོན། ཨ་ཁུ་གྲགས་པ་དར་རྒྱས་ལས་སྒྲ་རིག་སོགས་རིག་གནས་ཀུན་ལ་སྦྱངས། ཉི་ཤུ་པར་ཨ་ལགས་ཁ་རྒྱ་རིན་པོ་ཆེ་ལས་བསྙེན་པར་རྫོགས། གཅོད་དབང་ཡང་གསན། ཨ་ལགས་ཁ་རྒྱ་རིན་པོ་ཆེ་རང་དགོན་ཀོའུ་བ་དགོན་དུ་གདན་དྲངས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། བདེ་གསང་འཇིགས་གསུམ་གྱི་དབང་སོགས་བཀའ་ཆོས་མང་དུ་གསན། ཉེར་བཞི་པར་བཤད་སྒྲུབ་དར་རྒྱས་གླིང་ལ་མཚན་ཉིད་གསར་དུ་བཙུགས། ཨ་ཁུ་བློ་བཟང་བསྟན་པ་ལས་དབུ་མ། མཛོད། འདུལ་བ་རྣམས་ལ་ལེགས་པར་སྦྱངས། རང་དགོན་དུ་གཅོད་དབང་ལན་བཞི། འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་། ཚེ་དབང་། འཇམ་དབྱངས་ནག་པོ་དང་དཀར་པོའི་རྗེས་གནང་། འཇིགས་བྱེད་བསྙེན་ཁྲིད་སོགས་དབང་ལུང་རྗེས་གསུམ་གྱི་བཀའ་དྲིན་མང་དུ་སྩལ། རབ་བྱུང་བཅུ་དྲུག་པའི་མེ་ཕོ་ཁྱི་ཕྱི་ལོ་ ༡༩༤༦ ལོར་སྐུ་གཤེགས། གསུང་རྩོམ་ནི་ཞུ་དག་བྱས་པ་དང་། ཞུ་དག་མ་བྱས་པ་བསྡོམས་པའི་པོད་བཅུ་གཅིག་ཙམ་བཞུགས། |