78241
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷོ་འབྲུག་ཤར་ཀ་བཞི་ལུང་ཆེན་དུ། རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ་ ༡༨༦༠ ལོར་འཁྲུངས། སྐུ་ན་དར་ལ་བབ་སྟེ་གྲྭ་སྡེར་ཞུགས། ཆོས་རྗེ་ཕྲིན་ལས་རྒྱལ་མཚན་དང་བསྟན་ལྷུན་ལས་བསླབ་ཚིགས་དང་ཐོས་བསམ་སྨིན་གྲོལ་གྱི་ལམ་རིམ་གསན་བཞེས་མཛད། དབང་རྫོང་གནས་བརྟན་དང༌། རྡོར་སློབ་ཀྱི་གོ་ས་རིམ་པར་ཕེབས། དགུང་གྲངས་དོན་གཉིས་པ་ལྕགས་ལུག་ལ་མཁན་ཁྲི་འཛིན། ལོ་ངོ་དགུའི་བར་བསྟན་པ་བསྐྱངས་པའི་མཐར། དགུང་གྲངས་གྱ་གཅིག་པ་ལྕགས་འབྲུག་ ༡༩༤༠ ལོར་ཁྲི་ཐོག་ཏུ་གཤེགས་སོ། ། |