78242
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷོ་འབྲུག་སྤ་གྲོ་ཧཱུཾ་རལ་ཆོས་རྗེའི་གདུང་རབས་སུ། རབ་བྱུང་བཅུ་བཞི་པའི་ཤིང་བྱི་ ༡༨༦༤ ལོར་འཁྲུངས། གཞོན་ནུ་ནས་གཞུང་སྡེར་ཞུགས། མཁན་ཡོན་ཏན་དཔལ་བཟང་ལས་བསླབ་ཚིགས་སྔ་མ་གཉིས་དང་སྨིན་གྲོལ་ཅི་རིགས་གསན། ཕྱིས་བུམ་ཐང་དུ་བྱོན་ནས་དགེ་བཤེས་སྨིན་དྲུག་ལས་བསླབ་ཚིགས་ཕྱི་མ་དང༌། གཞུང་པོད་ལྔར་ཐོས་བསམ་མཐར་ཕྱིན་མཛད། སླར་གྲྭ་ཚང་དུ་བྱོན། མཚན་སློབ་ཀྱི་གོ་སར་བཞུགས། ང་དྲུག་པ་ས་ལུག་ལ་མཁན་ཁྲི་བཟུང༌། ལོ་གསུམ་དུ་ཚོགས་པ་བསྐྱངས། དེ་ནས་ཆུ་མོ་ཕུ་སོགས་དབེན་པར་གཞོལ། རེ་གཅིག་པ་ཤིང་བྱི་ ༡༩༢༤ ལོར་གཤེགས་སོ། ། |